Skip to playerSkip to main content
  • 2 years ago
Bhutanese Nursery Rhymes.
རྩ་བ་གསུམ།
ཨ་ལུ་གཅེས་གཅེས་ཁྱོད་ཀྱིས་ཤེས་ག།
ག་ཅིའི་སྐོར་ལས་ཨ་པ།།
རྩ་བ་གསུམ་ག་ཅི་ཨིན་ན་ཤེས་ག།
ཤེས་དབའི་ཤེས་ཨ་པ།།
རྩ་བ་གསུམ་ག་ཅི་ར་སྨོ།།
རྒྱལཔོ་གཞུང་དང་མི་སེར་གསུམ།། རྩ་བ་གསུམ་ཟེར་སླབ་ཨིན་མེན་ན།།
ཨིན་དབའི་ཨ་ཞེམོ་ཨིན།།
རྒྱལཔོ་གཞུང་དང་མི་སེར་གསུམ་ལུ།། རྩ་བ་གསུམ་ཟེར་སླབ་ཨིན་སྨ་རེ།།
རྒྱལཔོ་གཞུང་དང་མི་སེར་གསུམ་ལུ།། རྩ་བ་གསུམ་ཟེར་སླབ་ཨིན།།
ཨ་ལུ་གཅེས་གཅེས་ཁྱོད་ཀྱིས་ཤེས་ག།
ད་འབདན་ཤེས་ཅི་ཨ་པ།།
རྩ་བ་གསུམ་ག་ཅི་ཨིན་ན་ཤེས་ག
ཤེས་ཅི་ཨ་པ།།
རྩ་བ་གསུམ་ག་ཅི་ར་སྨོ།།
བཏུབ་ཨ་པ་ཉན་ སྨེ།།
རྒྱལཔོ་གཞུང་དང་མི་སེར་གསུམ་ལུ།། རྩ་བ་གསུམ་ཟེར་སླབ་ཨིན་མེན་ན།།
ཨིན་ཨིན་གཅེས་གཅེས་ཨིན།།
རྒྱལཔོ་གཞུང་དང་མི་སེར་གསུམ་ལུ།། རྩ་བ་གསུམ་ཟེར་སླབ་་ཨིན་སྨ་རེ།།
རྒྱལཔོ་གཞུང་དང་མི་སེར་གསུམ་ལུ།། རྩ་བ་གསུམ་ཟེར་སླབ་ཨིན།།



Produced by Department of Culture and Dzongkha Development, Ministry of Home Affairs.

Category

📚
Learning

Recommended